ཐེངས་བཞི་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་མཛེས་སྡུག་ཡང་བསྐྱར་ཁྱེད་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པས། གཤམ་གྱི་རི་མོ་ནོན་དང་། སྔར་མཐོང་མ་མྱོང་བའི་མཛེས་པའི་ཞིང་ཁམས་ཤིག་ཁྱེད་དང་ང་ཡི་སེམས་ལ་འཐིམ་ངེས།
第四场桃花直播来袭!
点击下方图片一秒跳转
ཞོགས་པའི་ཐད་གཏོང་ལས་ང་ཚོས་རི་བོ་གནམ་ལྕགས་འབར་བའི་ཟིལ་ཤུགས་ཞིབ་བརྗོད་བྱ་མ་ཐུབ་མོད། འོན་ཀྱང་ཕྱི་དྲོའི་ཐད་གཏོང་ལས་མུ་མཐུད་དུ་ཁྱེད་ཅག་གི་སྤྱན་ལམ་དུ་ཁམ་བུའི་མེ་ཏོག་དང་དེའི་མཐའ་འཁོར་གྱི་རི་ར་བ་ཁང་ཁྱིམ་སོགས་ཀྱི་རྣམ་པ་འབུལ་རྒྱུ་ཡིན་ལ། སྟབས་ལེགས་ན་གནམ་ལྕགས་འབར་བའི་ཞལ་རས་དངོས་ཀྱང་མཐོང་སྲིད། ཐད་གཏོང་ལ་གཟིགས་དང་དེ་ལས་ཡོད་ཚད་རྟོགས་འོང་།
早上的直播中
我们没能一睹南迦巴瓦峰的绝美真容
不过没关系
下午直播还在继续
这一次是否有机会看到“羞女峰”呢
点开直播就有答案
སྤྲིན་དཀར་གྱི་གསེབ་ན་འཚོ་བའི་མི་ཁྱིམ།
白云深处有人家
南迦巴瓦峰
གནས་འདི་ནི་པར་མིག་གི་དག་ཞིང་ཡིན་ལ། གནས་འདི་ལ་ཁམ་བུའི་མེ་ཏོག་གི་འཇིག་རྟེན་གསོན་པོ་གསོལ་ཡོད་དེ། གནས་འདི་རུ་གངས་རི་དང་གཅོང་རོང་། ཁམ་བུ་དང་གྲོང་ཚོ་སྟེ། མདོར་ན་གནས་འདི་ནི་སྐྱེ་བོ་གྲངས་མེད་ཀྱིས་རྨི་ལམ་དུ་རྨི་མ་ཐུབ་པའི་སེམས་ཀྱི་བསྟི་གནས་དེ་ཡིན།
这里被称之为摄影家的“天堂”
这里被称之为“世外桃源”
雪山、峡谷、桃花、村落
是这个春天最美的所在
ཐེངས་འདིར་གསར་འགོད་བུ་མོ་ཝང་ཧྲན་གྱིས་ཁྱེད་རྣམས་ཆུ་བོ་ཡར་ཀླུང་གཙང་བོའི་མཛེས་སྡུག་དང་། རི་བོ་གནམ་ལྕགས་འབར་བའི་རྔམ་བརྗིད། ཁམ་བུའི་མེ་ཏོག་གི་འཚར་སྡུག་དང་། ད་དུང་ཡང་གནས་དེའི་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་། སྲོལ་རྒྱུན་གྱི་གླུ་དང་ཞབས་བྲོ་སོགས་མཐོང་མ་མྱོང་བའི་ལྟད་མོ་དང་། ཐུན་མོང་མ་ཡིན་པའི་ཟས་ཀྱི་བྲོ་བར་རོལ་མྱོང་བྱེད་དུ་འཇུག་པས། དཔྱིད་ཀྱི་དཔལ་མོའི་ཉམས་བཟང་ལས།། སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད།།
本场美女主播王珊将带你
行走在雅鲁藏布江畔
观赏南迦巴瓦峰和桃源美景
体验当地民俗风情
看传统民族歌舞表演
品地道特色美食
趁着春色正好,一起及时行乐
重点来了
དེ་རིང་ཕྱི་དྲོའི་ཆུ་ཚོད་༣ནས་༤བར། གོང་གི་པར་དེ་གནོན་པའམ་ཡང་ན་གཤམ་གྱི་阅读原文ཞེས་པའི་རྒྱ་ཡིག་གི་ཡི་གེ་མནན་ན། ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་ཐད་གཏོང་ལ་གཟིགས་ཐུབ།
今天下午三点至四点
点击最上方图片
或者点击文末阅读原文
跳转至直播页面
走进世外桃源
看江畔人家仙境
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ལྕགས་བྱམས་སྒྲོལ་མ།
རྩོམ་སྒྲིག་པ། ལྕགས་བྱམས་སྒྲོལ་མ།
主编:吾见才让
副主编:吉先卓玛
编辑:吉先卓玛
སེམས་ཀྱི་ཞིང་ཁམས་ཞེས་པའི་སྐད་འཕྲིན་འདི་ནི། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། གླུ་གར་ལ་སོགས་གཙོ་བོར་སྤེལ་བའི་རྒྱལ་ཡོངས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཞུང་ཕྱོགས་སྤྱི་དམངས་སྐད་འཕྲིན་སྟེགས་བུ་གཅིག་པུ་དང་། བོད་ཀྱི་ཤེས་རིག་རྒྱུས་ལོན་བྱེད་སའི་དབང་གྲགས་ཅན་གྱི་སྐར་ཁུང་ཞིག་ཀྱང་ཡིན་པས། རྒྱ་ཆེའི་སྤྱོད་མཁན་ཚོས་སྐད་འཕྲིན་འདིར་དོ་སྣང་བྱེད་པའི་དུས་མཚུངས་སུ། ཁྱེད་ཀྱི་སེམས་ཁོངས་ན་འཕྱུར་བའི་བརྗོད་བྱ་དག་རྩོམ་ལུས་སྣ་ཚོགས་ལ་དྲངས་ནས། ཁྱད་པར་དུ་པར་རིས་དང་བརྙན་ཐུང་གི་བརྩམས་ཆོས་གང་མང་འདི་གར་བསྐུར་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།
འབྲེལ་གཏུགས་བྱེད་ས། ༢༠༤༣༢༢༠༡༥༥@qq.com
“阳光西藏”是西藏电视台以西藏历史文化、民俗旅游、藏族歌舞为主要内容的全国唯一藏汉双语官方微信公众平台,是您了解西藏,阅读西藏的权威窗口,我们秉承“权威发布,多样服务”的宗旨,希望广大用户踊跃投稿!
联系地址:2043220155@qq.com
看西藏 འདི་རུ་བོད་ཀྱི་འཚོ་བའི་ཕབས་རྒྱུན་དང་། དུས་རབས་ཀྱི་གོམ་སྒྲ། རིག་གནས་ཉིང་བཅུད། གླུ་གར་གྱི་སྟངས་སྟབས་སོགས་ཡོད་ཚད་གཟུགས་སུ་བཀོད་ཡོད་པས། ཅི་དགར་ལོངས་སུ་སྤྱོད་ཐུབ།